您当前的位置: 首页 / 政务公开 / 公告公示

ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཕྱོགས་ཐོན་ཁོར་ཡུག་མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་གྲོང་ཁྱེར་ཡོངས་ཀྱི་...

来源:林芝市人民政府办公室 发布时间:2026年11月19日 11时28分 浏览量:
字号:【大中小】

གྲོང་མི་གྲོགས་པོ་རྣམ་པ།

ལྷན་རྒྱས་སྐུ་ཁམས་བཟང།

འགྲོ་ལམ་ནི་གྲོང་ཁྱེར་གྱི་ཁྲག་རྒྱུན་ལྟ་བུ་ཡིན་པས།ཕྱོགས་ཐོན་བྱ་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད།མིག་སྔར་ཉིང་ཁྲིར་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འཕྲད་བཞིན་ཡོད་པ་དང་།རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ།ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ།གྲོང་ཁྱེར་གྱི་རྣམ་གྲངས་གསར་བརྗེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས།འཛུགས་སྐྲུན་པ་དང་མ་འཇོག་བྱེད་མཁན་དེ་བས་མང་བ་དེར་འཛོམས་ཡོད།མི་མང་བ་དང་རླངས་འཁོར་མང་བ་ནི་གྲོང་ཁྱེར་དར་རྒྱས་འགྲོ་བའི་མཚོན་རྟགས་ཤིག་ཡིན་མོད།འོན་ཀྱང་འཕྲུལ་སྒུལ་འཁོར་རིགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་གྲོང་ཁུལ་གཙོ་བོའི་ལམ་དུམ་ཁག་གཅིག་འགྲིམ་འགྲུལ་རླངས་འཁོར་འགག་ཤུགས་ཆེ་བས་ཚང་མའི་འགྲོ་སྐྱོད་སྟབས་བདེ་མེད་པ་མ་ཟད།ན་ཕྲའི་གྲོང་ཁྱེར་དེའི་དོ་དམ་ཆུ་ཚད་ལའང་ཚོད་བག་མ་ཐེག་ཐུབ་པ་བྱས་ཡོད།འདི་ནི་འཚར་ལོངས་ཁྲོད་ཀྱི་འགག་གནད་ཞིག་ཡིན་ལ།འཕེལ་རྒྱས་ཁྲོད་ཀྱི་ངེས་པར་དུ་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན།

གྲོང་ཁྱེར་དར་རྒྱས་འགྲོ་བར་འཛུགས་སྐྲུན་ལ་བརྟེན་དགོས་པ་དང་།གྲོང་ཁྱེར་བཅོས་སྐྱོང་བྱེད་པར་མི་སེམས་ལ་བརྟེན་དགོས།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་འགག་པའི་“ཉིན་བརྒྱའི་འགག་སྒྲོལ”གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས།རླངས་འཁོར་འགག་པ་དང་ཁྲོམ་གཞུང་བརྒྱུད་རླངས་འཁོར་གང་བྱུང་འཇོག་པའི་གནད་འགག་ལ་དམིགས་ནས།ལམ་དྲའི་རླངས་འཁོར་འཇོག་ས་དང་།ཁྲོམ་ལམ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ལམ་ངོས་ཀྱི་སྒྲིག་ལམ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐུང་ནང་ཕྱོགས་ཐོན་དེ་བས་བདེ་བླག་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན།འོན་ཀྱང་ང་ཚོས་ཤེས་གསལ་ལྟར།འགག་པ་བཅོས་སྐྱོང་བྱ་རྒྱུ་ནི་སྙིང་རུས་གཏན་འཁྱོངས་ཀྱི་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པ་དང་།གནས་སྐབས་ཀྱི་གཟེར་ཟུག་ནི་ཡུན་རིང་གི་ཤར་གཏོང་ཐུབ་ཆེད་ཡིན།དེ་རིང་གི་བསམ་ཤེས་དང་རྒྱབ་སྐྱོར་ནི་སང་ཉིན་གྲོང་ཁྱེར་དེའི་དྲོ་སྐྱིད་དང་ཟབ་ཚད་ཡིན་པས།ང་ཚོས་གྲོང་མི་ཡོངས་ལ་གྲོས་འགོ་འདོན་རྒྱུ་སྟེ།

ཡ་རབས་ལྡན་པའི་ཕྱོགས་ཐོན་དོན་གཉེར་པ་ཞིག་བྱེད་དགོས།རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་གློག་སྒྲོན་དམར་པོ་ལས་མི་བརྒལ་བ་དང་།འཚང་ཁ་མི་རྒྱག་པ།རླངས་འཁོར་གང་བྱུང་དུ་མི་འཇོག་པ།མི་འགྲོ་མཁན་སྔོན་ལ་གཏོང་བ།འབྱུང་འཕྲོད་ཕྱོགས་ཐོན་བཅས་བྱས་ཏེ།རང་ཉིད་ཀྱི་དོན་ཆུང་དེ་གྲོང་ཁྱེར་ཤེས་དཔལ་གྱི་དོན་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས།

ལས་དོན་བཅོས་སྒྲིག་གི་ལྟ་སྐུལ་པ་ཞིག་བྱེད་དགོས།སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་དང་།“ཉིང་ཁྲིའི་ཡོངས་བསྒྲགས”འཕྲིན་ཕྲན་སྤྱི་སྟེགས་ཨང་གྲངས།“ཉིང་ཁྲིའི་མཉམ་འདྲེས་སྨྱན་སྦྱོར”འཁྱུག་དབྱིངས་སོགས་ཀྱི་ཐབས་ལམ་བརྒྱུད།འགྲིམ་འགྲུལ་དོ་དམ་ལས་དོན་ལ་བསམ་འཆར་རྩ་ཆེན་དང་གྲོས་འགོ་བཏོན་ནས་སྒྲིག་བཀོད་ཀྱི་གནད་དོན་དང་འགྲིམ་འགྲུལ་ཟང་ཟིང་གི་གནས་ཚུལ་གོང་ཞུ་བྱས་ཏེ།ང་ཚོར་འགག་གནད་འཚོལ་རོགས་དང་གནད་སྨིན་ཇུས་འདོན་བྱེད་རོགས་ཞུ་རྒྱུ།

བདེ་བགྲོད་ཉིང་ཁྲིའི་དྲིལ་བསྒྲགས་པ་ཞིག་བྱེད་དགོས།ནང་མི་དང་།གྲོགས་པོ་ཚོར་ཡ་རབས་ཀྱི་འགྲིམ་འགྲུལ་འདུ་ཤེས་དྲིལ་བསྒྲགས་བྱས་ནས།མི་དེ་བས་མང་བས་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ།ཡ་རབས་ངང་ཕྱོགས་ཐོན་བྱ་རྒྱུ་དེ་“མི་ཡུལ་ཁམ་བུའི་སྐྱེད་ཚལ།བདེ་སྐྱིད་ལྡན་པའི་ཉིང་ཁྲིའི”་མཛེས་ལྗོངས་ཤིག་ཏུ་འགྱུར་བ་བྱེད་དགོས།

གྲོང་མི་གྲོགས་པོ་ཚོ།གྲོང་ཁྱེར་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་།ཤར་བགྲོད་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་བསམ་འདུན་ཡིན།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།གྲོང་ཁྱེར་འཛུགས་སྐྲུན་དང་འགྲིམ་འགྲུལ་བཅོས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས།བདེ་འཇགས་དང་གོ་རིམ་ལྡན་པ་དང་།ཤར་བགྲོད་ནུས་ཆེའི་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ཡིན།འགྲོ་ལམ་འགག་པ་བཅོས་སྒྲིག་བྱེད་རིང་།ཁྱེད་ལ་སྟབས་མི་བདེ་བ་བཟོས་ཡོད་པས།ཚང་མས་བསམ་ཤེས་མང་ཙམ་བྱ་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ལ།ངང་རྒྱུད་རིང་པོ་དང་རྒྱབ་སྐྱོར་བྱ་རྒྱུ་ཚང་མ་ནི་གྲོང་ཁྱེར་དེའི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཞིག་ཡིན།ང་ཚོས་ཕན་ཚུན་སེམས་ཁུར་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ།ཐུན་མོང་ཐོག་ཕྱོགས་ཐོན་ལམ་བུའི་ཤར་བགྲོད་དང་ཤེས་དཔལ་སྲུང་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཉིང་ཁྲི་གསར་པ་འཛུགས་སྐྲུན་བྱེད་དགོས།

相关附件

扫一扫在手机打开当前页

相关信息