致第四次全国农业普查登记对象的一封信
- 2026年09月30日 12时45分
-
- 分享到
尊敬的农业普查登记对象:
您好!感谢您抽出宝贵时间参与第四次全国农业普查工作!
第四次全国农业普查,是在以中国式现代化全面推进中华民族伟大复兴的新征程上开展的重大国情国力调查,主要目的是全面摸清新时代我国“三农”家底,客观反映农业发展新情况、乡村建设新面貌、农民生活新变化、农村改革新成效,为科学制定“三农”政策、推进乡村全面振兴、加快农业农村现代化、建设农业强国,提供准确的统计信息支撑。普查成果与您的生产生活息息相关,农业普查需要您的参与、支持与配合!
本次农业普查的标准时点为2026年12月31日24时,普查时期为2026年1月1日至12月31日。2027年1月1日至3月31日期间,普查人员将佩戴统一的《普查指导员证》或《普查员证》到您家(单位)进行现场登记。为保证登记工作高效开展,请您做好如下准备:农户提前准备好居民户口簿等证件,并梳理全家2026年的农业生产、生活等情况;农业生产经营单位提前准备好会计、统计等原始资料,并梳理2026年的生产经营、从业人员等相关情况。
本次普查采取两种登记方式:农户由普查人员使用手持移动终端上门现场采集数据;农业生产经营单位除现场采集外,也可选择互联网自主填报。如果您单位采取自主填报,请于2027年1月1日至2月28日期间登录微信“四农普自主填报”小程序,按照要求填报普查登记表。
根据《中华人民共和国统计法》和《全国农业普查条例》的规定,真实、准确、完整、及时地提供普查资料,既是您的法定义务,也是您的神圣权利。我们将遵守法律规定,对您所提供的信息严格保密,不用于普查以外的任何目的。同时,请您履行公民义务,积极配合、如实填报,为全国农业普查工作贡献力量。
农业普查,利国利家。普查员的入户登记会占用您的一些宝贵时间,在此特致歉意。再次感谢您对农业普查工作的支持与配合!
国务院第四次全国农业普查
领导小组办公室
2026年9月
རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པའི་ཐོ་འགོད་བྱ་ཡུལ་ལ་ཕུལ་བའི་འཕྲིན་ཡིག་གཅིག
གུས་པར་འོས་པའི་ཞིང་ལས་ཡོངས་བཤེར་ཐོ་འགོད་བྱ་ཡུལ་རྣམ་པ།
སྐུ་ཁམས་བཟང་། སྐུ་ཉིད་ནས་རྩ་ཆེའི་དུས་ཚོད་བེད་སྤྱད་དེ་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ།
རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པ་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་རྒྱང་ལམ་གསར་པའི་ཁྲོད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་བྱེད་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་དུས་རབས་གསར་པའི་རང་རྒྱལ་གྱི“ཞིང་གསུམ”གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་བྱ་རྒྱུ་མ་ཟད། ཞིང་ལས་གོང་འཕེལ་གྱི་གནས་ཚུལ་གསར་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་པ་གསར་པ། ཞིང་པའི་འཚོ་བའི་འགྱུར་ལྡོག་གསར་པ། གྲོང་གསེབ་བསྒྱུར་བཅོས་ཀྱི་གྲུབ་འབྲས་གསར་པ་བཅས་ཇི་མ་ཇི་བཞིན་མཚོན་པར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ཞིང་གསུམ”གྱི་སྲིད་ཇུས་བཟོ་འབེབས་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་གང་མགྱོགས་འགྱུར་བ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་ཆེད། ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱིས་འདེགས་སྐྱོར་བྱ་རྒྱུ་དེ་ཡིན། ཡོངས་བཤེར་བྱས་འབྲས་དང་སྐུ་ཉིད་ཀྱི་ཐོན་སྐྱེད་འཚོ་བ་འབྲེལ་བ་དམ་ཟབ་ཡོད་པས། སྐུ་ཉིད་ནས་ཞིང་ལས་ཡོངས་བཤེར་བྱེད་པར་ཐེ་ཞུགས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱེད་དགོས།
ཐེངས་འདིའི་ཞིང་ལས་ཡོངས་བཤེར་གྱི་ཚད་ལྡན་དུས་ཚོད་ནི་2026ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་24པར་ཡིན་པ་དང་། ཡོངས་བཤེར་དུས་ཚོད་ནི་2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན། 2027ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ཟླ་3ཚེས་31ཉིན་བར། ཡོངས་བཤེར་པས་གཅིག་གྱུར་ཐོག《ཡོངས་བཤེར་མཛུབ་ཁྲིད་པའི་ལག་ཁྱེར》རམ་ཡང་ན《ཡོངས་བཤེར་པའི་ལག་ཁྱེར》བཏགས་ཏེ། སྐུ་ཉིད་ཀྱི་ཁྱིམ་ཚང་(ཚན་པ)ལ་ཡོང་ནས་ཐོ་འགོད་བྱ་རྒྱུ་རེད། ཐོ་འགོད་ཀྱི་ལས་ཆོད་ཡག་པོ་ཡོང་ཆེད། སྐུ་ཉིད་ནས་གཤམ་གསལ་གྱི་གྲ་སྒྲིག་ཡག་པོ་གནང་རྒྱུ་སྟེ། ཞིང་དུད་ཀྱིས་སྔོན་ཚུད་ནས་ཡུལ་མིའི་ཐེམ་ཐོ་སོགས་ལག་ཁྱེར་གྲ་སྒྲིག་ཡག་པོ་བྱེད་དགོས་པ་མ་ཟད། ཁྱིམ་ཚང་ཡོངས་ཀྱི་2026ལོའི་ཞིང་ལས་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལེགས་སྒྲིག་ཡག་པོ་བྱེད་དགོས། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྔོན་ཚུད་ནས་རྩིས་པ་དང་བསྡོམས་རྩིས་སོགས་ཀྱི་ཐོག་མའི་དཔྱད་ཡིག་གྲ་སྒྲིག་ཡག་པོ་བྱེད་དགོས་པ་མ་ཟད། 2026ལོའི་ཐོན་སྐྱེད་གཉེར་སྐྱོང་དང་ལས་གཉེར་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལེགས་སྒྲིག་ཡག་པོ་བྱེད་དགོས།
ད་ཐེངས་ཀྱི་ཡོངས་བཤེར་ཐད་ཐོ་འགོད་བྱེད་སྟངས་ཁག་གཉིས་སྤྱོད་རྒྱུ་སྟེ། ཞིང་དུད་ཡིན་ཚེ་ཡོངས་བཤེར་པས་སྒུལ་བདེའི་མཐའ་སྣེ་བསྣམས་ནས་སྒོ་རྩར་བསྐྱོད་དེ་ས་ཡུལ་དངོས་ཀྱི་གྲངས་གཞི་འཚོལ་བསྡུ་བྱ་རྒྱུ་དང་། ཞིང་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཚན་པ་ཡིན་ཚེ། ས་ཡུལ་དངོས་ཀྱི་འཚོལ་བསྡུ་བྱེད་པ་ཕུད། མཉམ་སྦྲེལ་དྲ་རྒྱའི་ཐོག་ནས་རང་བརྟེན་རེའུ་མིག་བཀོད་དེ་གོང་འབུལ་བྱས་ན་ཡང་ཆོག གལ་ཏེ་སྐུ་ཉིད་ཀྱི་ཚན་པས་རང་བརྟེན་རེའུ་མིག་བྲིས་བཀོད་དེ་གོང་འབུལ་བྱས་ཚེ། 2027ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ཟླ་2ཚེས་28ཉིན་བར་འཕྲིན་ཕྲན་གྱི“ཞིང་བཤེར་བཞི་པའི་རང་བརྟེན་རེའུ་མིག་བཀོད་པ”ཞེས་པའི་བྱ་རིམ་ཆུང་ངུར་ཐོ་འཇུག་བྱས་ནས་བླང་བྱ་གཞིར་བཟུང་ཡོངས་བཤེར་ཐོ་འགོད་ཀྱི་རེའུ་མིག་འགོད་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། དྲང་བདེན་དང་། ཡང་དག་པ། ཆ་ཚང་བ། དུས་ཐོག་བཅས་ཀྱི་སྒོ་ནས་ཡོངས་བཤེར་གྱི་དཔྱད་ཡིག་འདོན་སྤྲོད་བྱ་རྒྱུ་ནི་སྐུ་ཉིད་ཀྱི་ཁྲིམས་བཀོད་འོས་འགན་ཡིན་ལ། གཟི་བརྗིད་ལྡན་པའི་དབང་ཆ་ཞིག་ཀྱང་ཡིན། ང་ཚོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་སྐུ་ཉིད་ནས་མཁོ་འདོན་བྱས་པའི་ཆ་འཕྲིན་གསང་སྲུང་ནན་པོ་བྱས་ཏེ་ཡོངས་བཤེར་ཕུད་པའི་དམིགས་ཡུལ་གཞན་དག་གང་ལ་ཡང་སྤྱོད་ཀྱི་མིན། དེ་དང་ཆབས་ཅིག་སྐུ་ཉིད་ཀྱིས་སྤྱི་དམངས་ཀྱི་འོས་འགན་བསྒྲུབས་ནས་གཞོགས་འདེགས་ཧུར་ཐག་དང་རེའུ་མིག་ཇི་མ་ཇི་བཞིན་བཀོད་དེ་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ལས་དོན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཞིང་ལས་ཡོངས་བཤེར། རྒྱལ་ཕན་ཁྱིམ་ཕན། ཡོངས་བཤེར་པས་ཁྱིམ་དུ་ཐོ་འགོད་བྱེད་པར་ཡོང་སྐབས་སྐུ་ཉིད་ཀྱི་རྩ་ཆེའི་དུས་ཚོད་ཕྲན་ཙམ་བཟུང་སྤྱོད་བྱེད་སྲིད་པས་དམིགས་སུ་དགོངས་དག་ཞུ་རྒྱུ་མ་ཟད། སྐུ་ཉིད་ནས་ཞིང་ལས་ཡོངས་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པའི་
འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།
2026ལོའི་ཟླ་9པར།
扫一扫在手机打开当前页
相关信息



