您当前所在位置: 首页 / 新闻中心 / 专题报道 / 第四次全国农业普查 / 农普宣传

致第四次全国农业普查清查对象的一封信

  • 2026年09月30日 12时19分
  • 分享到

尊敬的农业普查清查对象:

您好!感谢您抽出宝贵时间参与第四次全国农业普查工作!

农业普查每十年开展一次,国务院决定于2026年开展第四次全国农业普查。本次普查旨在全面摸清新时代我国“三农”家底,客观反映农业发展新情况、乡村建设新面貌、农民生活新变化、农村改革新成效,为科学制定“三农”政策、推进乡村全面振兴、加快农业农村现代化、建设农业强国,提供准确的统计信息支撑。

此次农业普查的标准时点为2026年12月31日24时,普查时期为2026年1月1日至12月31日,普查登记将于2027年1月全面展开。在此之前,为了准确界定普查登记对象、落实普查登记责任、确保普查对象不重不漏,从2026年9月起,普查人员将佩戴统一的《普查指导员证》或《普查员证》,通过入户访问等方式,对所有可能的农业普查对象进行清查摸底,了解家中或单位2026年的人员、生产、经营等情况。为提高工作效率,请您做好如下准备:农户提前准备好居民户口簿、农村土地承包经营权证等证件,农业生产经营单位提前准备好营业执照等证件。

根据《中华人民共和国统计法》和《全国农业普查条例》规定,真实、准确、完整、及时地提供普查资料,既是您的法定义务,也是您的神圣权利。当普查人员到您家(单位)进行调查时,真诚希望您能积极配合普查工作,我们将对您提供的信息履行保密义务。

农业普查,利国利家。衷心感谢您对农业普查工作的支持与配合!

 

 

国务院第四次全国农业普查   

领导小组办公室      

                                                                        2026年9月     




རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་དང་གཙང་བཤེར་ཐེངས་བཞི་པ་བྱ་ཡུལ་ལ་ཕུལ་བའི་འཕྲིན་ཡིག་གཅིག

    

གུས་པར་འོས་པའི་ཞིང་ལས་ཡོངས་བཤེར་དང་གཙང་བཤེར་བྱ་ཡུལ་རྣམ་པ།

     སྐུ་ཁམས་བཟང་། སྐུ་ཉིད་ཀྱིས་རྩ་ཆེའི་དུས་ཚོད་བེད་སྤྱད་དེ་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུ།

     ཞིང་ལས་ཡོངས་བཤེར་བྱ་རྒྱུ་འདི་ལོ་བཅུའི་ནང་ཐེངས་རེ་སྤེལ་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2026ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པ་སྤེལ་རྒྱུའི་གཏན་འཁེལ་བྱས་ཡོད། ཐེངས་འདིའི་ཡོངས་བཤེར་གྱི་དམིགས་ཡུལ་ནི་དུས་རབས་གསར་པའི་རང་རྒྱལ་གྱི“ཞིང་གསུམ”གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་བྱ་རྒྱུ་མ་ཟད། ཞིང་ལས་གོང་འཕེལ་གྱི་གནས་ཚུལ་གསར་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་པ་གསར་པ། ཞིང་པའི་འཚོ་བའི་འགྱུར་ལྡོག་གསར་པ། གྲོང་གསེབ་བསྒྱུར་བཅོས་ཀྱི་གྲུབ་འབྲས་གསར་པ་བཅས་ཇི་མ་ཇི་བཞིན་མཚོན་པར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ཞིང་གསུམ”གྱི་སྲིད་ཇུས་བཟོ་འབེབས་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་གང་མགྱོགས་འགྱུར་བ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་ཆེད། ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱིས་འདེགས་སྐྱོར་བྱ་རྒྱུ་དེ་ཡིན།

      ཐེངས་འདིའི་ཞིང་ལས་ཡོངས་བཤེར་གྱི་ཚད་ལྡན་དུས་ཚོད་ནི་2026ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་24པར་ཡིན་པ་དང་། ཡོངས་བཤེར་དུས་ཚོད་ནི་2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན། ཡོངས་བཤེར་ཐོ་འགོད་བྱ་རྒྱུ་དེ་2027ལོའི་ཟླ་དང་པོ་ནས་ཡོངས་སུ་འགོ་འཛུགས་རྒྱུ་རེད། དེའི་སྔོན་དུ། ཡོངས་བཤེར་ཐོ་འགོད་བྱ་ཡུལ་གཏན་འཁེལ་ཡང་དག་དང་། ཡོངས་བཤེར་ཐོ་འགོད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ཡོངས་བཤེར་བྱ་ཡུལ་བསྐྱར་བཟློས་དང་ཆད་ལུས་མི་ཡོང་བའི་འགན་ལེན་བྱེད་ཆེད། 2026ལོའི་ཟླ་9་པ་ནས་བཟུང་། ཡོངས་བཤེར་པས་གཅིག་གྱུར་ཐོག《ཡོངས་བཤེར་མཛུབ་ཁྲིད་པའི་ལག་ཁྱེར》རམ་ཡང་ན《ཡོངས་བཤེར་པའི་ལག་ཁྱེར》བཏགས་ཏེ། དུད་ཚང་དུ་འཚམས་འདྲི་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། ཞིང་ལས་ཡོངས་བཤེར་བྱ་ཡུལ་ཚང་མར་གཙང་བཤེར་མཐིལ་རྟོགས་བྱ་རྒྱུ་མ་ཟད། ཁྱིམ་ཚང་ངམ་ཡང་ན་ཚན་པའི་2026ལོའི་མི་སྣ་དང་། ཐོན་སྐྱེད། གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ། ལས་ཆོད་ཆེ་རུ་གཏོང་ཆེད། སྐུ་ཉིད་ནས་གཤམ་གསལ་གྱི་གྲ་སྒྲིག་ཡག་པོ་གནང་རྒྱུ་སྟེ། ཞིང་དུད་ཀྱིས་སྔོན་ཚུད་ནས་ཡུལ་མིའི་ཐེམ་ཐོ་དང་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བླངས་པའི་གཉེར་སྐྱོང་བྱེད་དབང་ལག་ཁྱེར་སོགས་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཚན་པས་སྔོན་ཚུད་ནས་ལས་གཉེར་ལག་ཁྱེར་སོགས་གྲ་སྒྲིག་ཡག་པོ་བྱེད་དགོས།

   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། དྲང་བདེན་དང་། ཡང་དག་པ། ཆ་ཚང་བ། དུས་ཐོག་བཅས་ཀྱི་སྒོ་ནས་ཡོངས་བཤེར་གྱི་དཔྱད་ཡིག་འདོན་སྤྲོད་བྱ་རྒྱུ་དེ་སྐུ་ཉིད་ཀྱི་ཁྲིམས་བཀོད་འོས་འགན་ཡིན་ལ། གཟི་བརྗིད་ཆེ་བའི་དབང་ཆ་ཞིག་ཀྱང་ཡིན། ཡོངས་བཤེར་པས་སྐུ་ཉིད་ཀྱི་ཁྱིམ་ཚང་(ཚན་པ)ལ་ཡོང་ནས་བརྟག་དཔྱད་བྱེད་སྐབས། སྐུ་ཉིད་ནས་ཡོངས་བཤེར་ལས་དོན་ལ་གཞོགས་འདེགས་ཧུར་ཐག་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ལ་ང་ཚོས་ཀྱང་སྐུ་ཉིད་ནས་མཁོ་འདོན་གནང་བའི་ཆ་འཕྲིན་གསང་སྲུང་གི་འོས་འགན་བསྒྲུབ་རྒྱུ་ཡིན།

       ཞིང་ལས་ཡོངས་བཤེར། རྒྱལ་ཕན་ཁྱིམ་ཕན།  སྐུ་ཉིད་ནས་ཞིང་ལས་ཡོངས་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

 

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པའི་

     འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།

    2026ལོའི་ཟླ་9པར།


 


扫一扫在手机打开当前页

相关信息